གངས་ལྗོངས་ཉི་གཞོན་དྲ་བ་བཙུགས་ནས་ལོ་བཅུ་འཁོར་བར་རྟེན་འབྲེལ་ཞུ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-07-02 08:42:53 ཀློག་གྲངས།:
       2024ལོའི་ཟླ7ཚེས1ཉིན་ནི་གངས་ལྗོངས་ཉི་གཞོན་དྲ་བ་བཙུགས་ནས་ལོ་བཅུ་འཁོར་བའི་ཉིན་མོ་རེད། གངས་ལྗོངས་ཉི་གཞོན་བོད་རྒྱ་སྐད་གཉིས་དྲ་བས་དྲ་སྦྲེལ་ཁྱབ་སྤེལ་གྱི་གོ་སྐབས་དམ་འཛིན་བྱས་ཏེ། བོད་འབྲེལ་དྲིལ་བསྒྲགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་བཏང་ཡོད་པ་རེད།
     གངས་ལྗོངས་ཉི་གཞོན་བོད་རྒྱ་སྐད་གཉིས་དྲ་བས་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ལྷག་པར་དུ་བོད་འབྲེལ་ས་ཁུལ་གྱི་སྲིད་ཇུས་དུས་ཐོག་ཏུ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་གཞོལ་བཞིན་ཡོད་པ་དང་། སི་ཁྲོན་ཞིང་ཨུད་ཀྱི་ལྟེ་བའི་ལས་དོན་དང་ལྷག་དོན་དུ་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་བརྒྱུད་བསྒྲགས་བྱེད་བཞིན་ཡོད་པ། དེ་བཞིན་དུ་རང་རྒྱལ་གྱི་མི་རིགས་དང་ཆོས་ལུགས་སྲིད་ཇུས་དང་། དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་སོགས་ཁྱབ་ཁོངས་ཀྱི་མདུན་གྲལ་ཆ་འཕྲིན་བརྒྱུད་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་གྱི་མཛེས་ལྗོངས་དང་ཁྱད་ལྡན་རིག་གནས། དམངས་སྲོལ་གོམས་གཤིས། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་ཀྱང་དྲིལ་བསྒྲགས་བྱེད་བཞིན་ཡོད།
       ལོ་བཅུའི་རིང་། གངས་ལྗོངས་ཉི་གཞོན་དྲ་བས་ཕྱི་རྒྱལ་དུ་ཡང་ཤུགས་རྐྱེན་ཐེབས་ཡོད་དེ། རྒྱལ་ནང་དུ་རྒྱལ་ཡོངས་ཀྱི་བོད་འབྲེལ་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡོངས་ལ་སྤྱོད་མཁན་ཡོད་པ་དང་། ཕྱི་རྒྱལ་གྱི་དྲ་བར་འཇུག་མཁན་ནང་རྒྱ་གར་དང་ཨ་རི། ནེ་པ་ལ་སོགས་ཀྱི་རྒྱལ་ཁབ་དང་ས་ཁུལ100ལྷག་གི་ཡོད་ཅིང་། ཕྱི་རྒྱལ་གྱི་དྲ་བར་འཇུག་མཁན་གྱིས་དྲ་བར་འཇུག་མཁན་སྤྱིའི30%ཡས་མས་ཟིན་ཡོད།
       ལོ་བཅུའི་རྗེས་ཀྱི་དེ་རིང་། གངས་ལྗོངས་ཉི་གཞོན་གྱིས་མཉམ་འདྲེས་ཁྱབ་སྤེལ་གྱི་རྒྱབ་ལྗོངས་འོག བརྙན་ལམ་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས་བརྙན་ལམ་དྲ་བ་བཙུགས་པ་དང་། ལོ་རེར་བརྙན་ལམ་ལ་མཐེབ་རྡེབ་བྱེད་གྲངས་ཁྲི1000ལས་བརྒལ་ཡོད།
       ད་ལྟའི་བར། གངས་ལྗོངས་ཉི་གཞོན་དྲ་བ་དེ་ཉིད«གངས་ལྗོངས་ཉི་གཞོན»དུས་དེབ་དང་། «ཁ་བཏགས་དཀར་པོ»དུས་དེབ། གངས་ལྗོངས་ཉི་གཞོན་དྲ་བ་དང་སྤྱོད་སྣེ། སྐད་འཕྲིན་སྤྱི་སྟེགས་ཚུད་པའི་གསར་འགྱུར་ཁྱབ་སྤེལ་ལས་སྟེགས། བོད་ཡིག་དུས་དེབ་ཀྱི་གྲངས་འཛིན་ལྟ་ཀློག་ལས་སྒོའི་ལས་སྟེགས་བཅས་ལ་རིམ་འགྱུར་བྱུང་ཡོད་ཅིང་། དུས་དེབ་གཉིས་དང་ལས་སྟེགས་གསུམ་ཅན་གྱི་འཕྲིན་སྦྱོར་ཀུན་འདུས་ཀྱི་ཁྱབ་སྤེལ་རྣམ་པ་ཆགས་ཡོད།
       ལོ་བཅུ་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་ཏེ། གངས་ལྗོངས་ཉི་གཞོན་དྲ་བས་བརྙན་ལམ་དྲ་བར་རིམ་སྤོར་ཐུབ་པ་དང་། ནང་དོན་གསར་གཏོད་ལ་ཕན་འབྲས་ཐོན་པ། ལག་རྩལ་གྱི་བདེ་འཇགས་རིམ་པ་མཐོར་གཏོང་བཅས་བྱས་ཏེ། བོད་འབྲེལ་གསར་འགྱུར་དྲ་བའི་ཁྲོད་ཚད་བརྒལ་དེ་བས་ཆེ་བ་ཡོང་རྒྱུར་འབད་རྒྱུ་ཡིན་པ་རེད།

ནང་དོན་ཡོང་ཁུངས། གངས་ལྗོངས་ཉི་གཞོན་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།