ངོས་དང་པོ > དཔེ་གཟིགས། > གསར་པར་དཔེ་དེབ། > བོད་ཀྱི་སློབ་གསོ་བ་གྲགས་ཅན་གཅན་རོང་བསྟན་འཛིན་ལགས་ཀྱི་གསུང་རྩོམ་པར་སྐྲུན་བྱས།
བོད་ཀྱི་སློབ་གསོ་བ་གྲགས་ཅན་གཅན་རོང་བསྟན་འཛིན་ལགས་ཀྱི་གསུང་རྩོམ་པར་སྐྲུན་བྱས།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-05-04 15:42:06
ཀློག་གྲངས།:
ཉེ་ཆར། བོད་ཀྱི་སློབ་གསོ་བ་གྲགས་ཅན་གཅན་རོང་བསྟན་འཛིན་ལགས་ཀྱི་གསུང་རྩོམ་པོད་བཅུ་གཅིག་ཅན་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས།

གསུང་རྩོམ་དེ«སློབ་གསོ་ལག་ལེན་རྣམ་བཤད»དང«སློབ་གསོ་ཐབས་ལམ་རྣམ་བཤད» «སྒྲུང་འབྲེལ་སློབ་ཁྲིད་ཀྱི་སྐོར» «སློབ་ཁྲིད་སྒྱུ་རྩལ་རྣམ་བཤད» «ནང་སེམས་ཀྱི་འཚོལ་སྙེག» «རྣམ་ཐར་དང་སྤྲུལ་སྐུའི་སྐོར» «རྣམ་ཐར་གནས་བཤད་ཀྱི་སྐོར» «གདན་རབས་ལོ་རྒྱུས་ཀྱི་སྐོར» «བསྟན་རྩིས་ལོ་ཚིགས་ཀྱི་སྐོར» «སྐྱེ་འཆི་ངོ་མཚར་སྒྱུ་མའི་ལྟད་མོ»བཅས་ཀྱིས་གྲུབ་ཡོད།
རྩོམ་པ་པོ་ངོ་སྤྲོད།
རྩོམ་པ་པོ་ངོ་སྤྲོད།

བོད་ཀྱི་སློབ་གསོ་བ་གཅན་རོང་བསྟན་འཛིན་ལགས་ནི། སྤྱི༡༩༦༢ལོར་མཚོ་སྔོན་རྨ་ལྷོ་ས་ཁུལ་གཅན་རོང་རྫོང་གི་དགུ་རོང་གྲོང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས། དགེ་རྒན་ཆེན་མོ་ལྷ་མོ་སྐྱབས་དང་མཁས་དབང་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། དགེ་བཤེས་ཆེན་མོ་དགེ་འདུན་རྒྱ་མཚོ་སོགས་ཀྱི་དྲུང་ནས་ཐོས་བསམ་མཛད་ཅིང་། ལོ་མང་པོར་སློབ་གསོའི་ཕྱག་ལས་གནང་། སློབ་གསོ་ལག་ལེན་རྣམ་བཤད་དང་སློབ་གསོ་ཐབས་ལམ་རྣམ་བཤད་སོགས་གསར་རྩོམ་གནང་བས་གཟིགས་མོ་བའི་དགའ་བསུ་ཐོབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།